བོད་ཀྱི་གཏམ་དཔེ་མཐོང་བ་འཛུམ་ཤོར།
ཀ་སྡེ།
ཀ་ར་བཞིན་དུ་དྲང་དགོས།།
ཀ་རྡོ་བཞིན་དུ་བརྟན་དགོས།།
ཀུན་ལ་ཕན་པའི་སེམས་དགོས།།
གྲོགས་ལ་མཐུན་པའི་ཚིག་དགོས།།
ཀོར་ཀོར་བྱས་ན་དཀྱིལ་ནས་འདུག་མཁན།།
ཤར་ཤར་བྱས་ན་མགོ་ནས་འདུག་མཁན།།
དཀའ་བའི་ལས་མ་བྱས་ན།།
ཞིམ་པའི་ཟས་མི་རེག།
བཀུག་བཀུག་ན་འཆག་འགྲོ།
འཐེན་འཐེན་ན་འཆད་འགྲོ།
སྐེ་རང་ལ་ཡོད་བཞིན་དུ།།
མགོ་གཞན་ལ་འདོགས་དོན་མེད།།
སྐད་ཆ་ཉུང་རུང་མགོ་རྔ་ཚང༌།།
ལུང་བ་ཆུང་རུང་རྩྭ་ཆུ་འཛོམས།།
ཁ་སྡེ།
ཁ་མཁས་ན་མཁས་པ་མིན།།
ཁོག་མཁས་ན་མཁས་པ་ཡིན།།
ཁ་མཁས་པ་རྡོ་རྗེ་གཅོད་པ་རེད།།
བློ་རིག་པ་འཛམ་གླིང་ཉི་ཟླ་རེད།།
ཁ་བགད་ནས་ངན་བཅོས།།
ངོ་གནག་ནས་བཟང་བཅོས།།
ཁ་གཅིག་འཁོར་ལོ་འདྲ་འདྲ།།
གྲོས་གཅིག་རྒྱ་མ་འདྲ་འདྲ།།
ཁ་དང་ཁོག་པ་དྲང་མོ་བྱོས།།
གློ་དང་རྒྱུ་མ་གཙང་མ་བྱོས།།
ཁ་བདེ་བོ་ཨ་བོ་ནེ་ཙོ།།
མགོ་བདེ་བོ་རྩངས་པ་རྒྱ་ལི།།
ཁ་མི་ཁ་ལྐུག་པའི་སེམས་ན་ཡོད།།
བྱམས་མི་བྱམས་བྱིས་པའི་སེམས་ན་ཡོད།།
ག་སྡེ།
གང་སྐྱིད་ཕ་ས་ཕ་ཡུལ་རེད།།
གང་མཐུན་ཕུ་ནུ་ཉེ་འབྲེལ་རེད།།
གོ་ཁ་མ་གཏོགས་ས་མི་ཤེས།།
ཕ་མ་མ་གཏོགས་མི་མི་ཤེས།།
གངས་དཀར་སེམས་ན་རྟ་མེད་ན།།
ཕུ་རུང་ནང་ལ་སྲབ་མི་འཇོག།
གོ་ཁའི་དཔའ་གཏམ་བྱེས་ན་མེད།།
འགྲངས་པའི་འགྲངས་གཏམ་རི་ན་མེད།།
གྱང་ཁའི་རྩྭ་འདྲ་འདྲ་མིན།།
གྱང་རྟིང་གི་རྡོ་འདྲ་འདྲ་ཡིན།།
གྱོད་མགོ་རི་ལས་ལྩི།།
གྱོད་རྔ་ཆུ་ལས་རིང༌།།
ང་སྡེ།
ང་སྦལ་བ་ས་འོག་ན་ཡོད་ཀྱང༌།།
བསམ་པ་གླིང་དཀར་སྟོད་ན་ཡོད།།
ང་ལྷ་སའི་ཇོ་འདང་ཡོད་རུང༌།།
ཁྱོད་མཛོ་མོའི་རྟོལ་འདང་མེད་གི།
ངང་ཕྲུག་ལ་རྐྱལ་རྩལ་རྫོགས།།
རྒོད་ཕྲུག་ལ་གཤོག་རྩལ་རྒྱས།།
ངན་པ་མ་རིག་ན་བཟང་བོ་མི་དྲན།།
ངན་པ་ཟས་ཀྱིས་འགྲངས་ན་སྐད་གསེང་མཐོ།།
མ་རབས་མཐོ་སར་བཞག་ན་ཀུན་ལ་སྡང༌།།
ངན་པས་རང་བསྟོད།། རུལ་མས་བུ་བསྟོད།།
ངན་པས་ཁ་མ་གློང༌།། རུལ་མའི་སྣོད་མ་གློང༌།།
ཅ་སྡེ།
གཅིག་འགྲོས་གཅིག་ལ་འཁེན།།
གཅིག་དོན་གཅིག་གིས་བསྒྲུབས།།
གཅིག་བཤད་དོན་ལ་མ་གནས་ན།།
བརྒྱ་བཤད་སྟོང་བཤད་སྟོང་བ་རེད།་
གཅིག་ལ་མ་འགྲིག་ན་མིའི་སྐྱོན།།
ཀུན་ལ་མ་འགྲིག་ན་རང་གིས་སྐྱོན།།
བཅད་པའི་སྡོང་བོ་སྐྱེ་མི་ཐུབ་པ་ཞིག་དང༌།།
མནན་པའི་དགྲ་བོ་ལང་མི་ཐུབ་པ་ཞིག།
བཅོ་ལྔའི་ལྷ་ཟླ་འདྲ་འདྲ་ཁྱོད་མ་རེད།།
ཉི་ཤུའི་ཟླ་ནག་འདྲ་འདྲ་ང་མ་རེད།།
ལྕགས་ཀྱི་རིལ་བུ་ཟ་ན།།
རྣོ་ཡི་འགྲམ་སོ་དགོས།།
ལྕགས་ལ་མེ་འབར་ན།།
ལན་ལ་ཐལ་བ་རྒྱོབ།།
ཆ་སྡེ།
ཆ་ལུགས་ཡ་མ་ཟུང་ལ།།
ལྟ་སྣང་མཐོང་སྣང་མི་གཅིག།
ཆག་སྒོ་བྱུང་ན་མགོ་དང༌།
མུ་གེ་བྱུང་ན་མཐའ།།
ཆར་པ་བཏང་ན་རི་ཀླུང་སྣུམ།།
སྡིག་པ་བཤགས་ན་བར་དོ་ཡང༌།།
ཆུ་ལ་དྲི་མ་མེད་པ་དགའ།།
མི་ལ་གཡོ་རྗུན་མེད་པ་དགའ།།
ཆུ་དང་ཉ་མོ་མཐུན་ན།།
གཉིས་ཀ་བདེ་བར་གནས།།
ཆུ་བོ་ཆེན་པོ་གཏིང་ཟབ་པ།།
ཆུ་ཕྲན་མང་བོ་འདུས་ལས་བྱུང༌།།
ཆུ་ལ་སྡེར་མོ་མེད་ཀྱང༌།།
ས་གཞི་གྲོག་རོང་འདྲུ།།
ཇ་སྡེ།
ཇ་བཏུངས་སྤགས་བཟས་བྱས་ན།།
སྲོག་ལ་ཉེས་སྐྱོན་མེད།།
ཇ་ཚ་བོ་རང་གིས་མི་འཐུང༌།།
ཐུག་པ་ཚ་བོ་ཨ་མས་མི་སྟེར།།
ཇ་ཚ་མེད་དང༌།།
གཏམ་ལན་མེད།།
ཇ་ཐུག་པ་གཉིས་ཀྱིས་བརྒྱགས།།
མེ་ཉི་མ་གཉིས་ཀྱིས་དྲོས།།
མཇལ་མཇལ་བའི་ལྷ་ཁང་དང༌།།
གཤིབས་གཤིབས་པའི་བུ་སྤུན།།
ཉམ་ཆུང་འདུག་ཤེས་ན།།
བཙན་པོས་བསྒུལ་མི་ཚུགས།།
འཇིག་རྟེན་འདི་ལ་བརྩོན་འགྲུས་ཡོད་ན།།
ཡོན་ཏན་རང་གི་ལག་ན་ཡོད།།
ཉ་སྡེ།
ཉ་མོ་འཁྱུག་བགྲོད་མ་ཤེས་ན།།
ལྕགས་ཀྱུ་ངར་མས་འཛིན་ཉེན་ཡོད།།
ཉ་མོ་སྤགས་ལ་དེད་ན།།
རང་སྲོག་རང་གིས་བསྐྱལ་ཡོང༌།།
ཉ་མོ་གཤོག་རྩལ་ཆེ་ཡང༌།།
གྲུ་ཤན་རྟ་མགོའི་འོག་རེད།།
ཉ་མགོ་བཙོ་ཤེས་ན།།
མར་ཁུ་ཕོར་བ་གང༌།།
ཉ་ཁྲིམས་བླ་མས་བསྡམས།།
ཉ་ཁྲལ་བླ་མས་བསྡུས།།
ཉིན་གྱི་ཁ་བ་བཞུ་ཡང༌།།
སྲིབ་ཀྱི་བ་མོ་མི་ཞུ།།
ཉིན་མོ་ལ་གཉིད་ཉལ།།
ཟླ་དཀར་ལ་ཤིག་སྒྲུག།
ཏ་སྡེ།
གཏམ་དཔེ་མེད་ཤོད་དཀའ།།
ཇ་ཚ་མེད་འཐུང་དཀའ།།
ཏན་ཏན་གྱི་བོང་བུ་ལ།།
ཏིག་ཏིག་གི་ཁལ།།
གཏམ་ཕ་ལ་མ་བཤད་སུ་ལ་ཤོད།།
ཟས་མ་ལ་མ་སྦྱིན་སུ་ལ་སྦྱིན།།
གཏམ་ངོས་ལ་ཤོད།།
སྐྲ་ལོ་རྒྱབ་ལ་གཡུགས།།
གཏམ་རྣ་བར་འགྲོ་ཚོད།།
ཟས་ཕོ་བར་ཤོང་ཚོད།།
གཏམ་དྲང་བོ་ཤོད་པའི་མགྲོན་པོ་དཀའ།།
བློ་དྲང་བོ་བྱེད་པའི་དཔོན་པོ་དཀོན།།
གཏམ་སྔ་ཚིག་རྡོ་ལ་རི་མོ་ཡིན།།
རྡོ་ཆག་ཀྱང་རི་མོ་ཟུབ་ལེབ་ཡིན།།
ཐ་སྡེ།
ཐག་རིང་གཏམ་དེ་རྒྱང་ཡང་གོ
ཐག་ཉེའི་གཏམ་དེ་ཐོས་པ་དཀོན།།
ཐག་རིང་གི་གཉེན་ལས།།
གྲོང་བའི་དགྲ་དགའ།།
ཐག་རིང་ས་ལ་འགྲོ་དགོས་ན།།
ཉེ་བའི་ས་ནས་འགོ་འཛུགས་དགོས།།
ཐག་མ་བཅད་ན་མི་ཆོད།།
འབྲུ་མ་བཏབ་ན་མི་སྐྱེ།།
ཐུགས་རྗེ་རི་ཙམ་ཡོད་ཀྱང༌།།
མངོན་ཤེས་རྟ་རྔ་ཙམ་མེད།།
ཐོབ་དུས་མ་བླངས་ན།།
འགྱོད་པ་རྟས་མི་ཟིན།།
ཐོས་པ་བརྒྱ་ལས།།
མཐོང་བ་གཅིག་ལྷག།
ད་སྡེ།
ད་འགྲོ་རན་ཟེར་དུས་དོ་ལེ་མིན།།
ཀི་ཧུ་ཀི་ཧུ་ཟེར་དུས་དོར་མ་བུད།།
དལ་དུས་མཆོད་པ་མི་འབུལ།།
འུ་ཐུག་ལྷ་འབོད་ཀླུ་འབོད།།
དུག་སྦྲུལ་འདྲ་བའི་ལྕེ་གཉིས་མ།།
ཌ་རུ་འདྲ་བའི་མགོ་གཉིས་མ།།
དུང་དཀར་པོ་བདར་ན་ཇེ་དཀར་རེད།།
སོལ་ནག་པོ་བདར་ན་ཇེ་ནག་རེད།།
དོན་ལ་དཔྱད་ནས་མ་བཤད་ན།།
མཁས་པ་ཡིན་ཀྱང་བླུན་པོའི་རྟགས།།
དྲང་བོས་གཞུང་བསྲངས་ན།།
སྒོ་ངས་རྟ་འཁྱོག །
དེ་སྔའི་བླ་མ་གནམ་ལ་འཕུར་ཟེར་ན།།
དེང་དུས་བླ་མ་རྟས་ཀྱང་མི་ཐེག་ཟེར།།
ན་སྡེ།
ན་སོ་གཞོན་དུས་བྲོ་ཞིག་མ་འཁྲབ་ན།།
ན་སོ་རྒས་དུས་བྲོ་ཡི་དགོས་པ་མེད།།
ནག་མོའི་ལོང་གཏམ་གྱིས།།
རྟ་པའི་ཉིན་ལམ་འགག།
ནང་བཀྲ་མ་ཤིས་ན།།
ཕྱི་དོན་མི་འགྲུབ།།
ནང་ཚགས་ཚོང་མི་རྒྱག།
དཔོན་གཡོག་ཤོ་མི་རྒྱག།
གནས་ལ་གནས་ལན་མེད་ཀྱང༌།།
ཚིག་ལ་ཚིག་ལན་ཡོད་འགྲོ།
རྣམ་རྟོག་ཅན་གྱི་མིག་ལམ་དུ།།
རྟག་ཏུ་འདྲེ་གཟུགས་འཆར་བ་ཡིན།།
རྣམ་རྟོག་དགྲ་ལ་ལངས།།
ཁང་སྟོང་རྐུན་མ་སྡང༌།།
པ་སྡེ།
པ་ཕ་ཆང་གིས་བཟི་བའི་བློ་ཤེད་དེ།།
ནམ་ཞག་རྒྱུན་དུ་ཡོད་ན་དགའ་བ་ལ།།
པ་ཕས་གར་བྱིན་དང༌།།
དཔའ་དམ་གར་གཡུག།
No comments:
Post a Comment