འདིར་ཚོ་འཕྲུལ་སྨོན་
ལམ་ཆེན་མོ་ཚུལ་ཇི་ལྟར་དར་བ་དང་།
དུས་ཆེན་དེར་ཚོགས་ཆོས་འདོན་པ།དད་ལྡན་གྱི་སྦྱིན་བདག་དང་མཇལ་བསྐོར་བས་སྡིག་
སྤོང་དགེ་སྒྲུབ་ཀྱི་ལས་ལ་གཞོལ་ཏེ་བསོད་ནམས་ཀྱི་ཚོགས་གསོག་པའི་ཚུལ་རྟོགས་པར་
བྱེད་དགོས།
སྟོན་པ་བཅོམ་ལྡན་འདས་སམས་རྒྱས་ནས་ལོ་དྲུག་པ་ལ་ཡབ་སྲས་མཇལ་འཕྲད་མཛད། ལོ་བདུན་པ་ལ་ཆོ་འཕྲུལ་ཆེན་པོ་བསྟན་པར་གྲགས་ལ། སམས་རྒྱས་བཅོམ་ལྡན་འདས་ཀྱིས་བདུད་དང་ཕྱི་རོལ་མུ་སྟེགས་པའི་ཆོས་སྨྲ་མཁན་མང་ པོ་ཞིག་ཟླ་དང་བོའི་ཚེས་གཅིག་ནས་བཅོ་ལྔའི་བར་དུ་ཆོ་འཕྲུལ་སྣ་ཚོགས་ལ་བརྟེན་ ནས་ཕམ་པར་མཛད་པ་ལ། ཆོས་རྒྱལ་མྱ་ངན་མེད་ཀྱིས་ཆོ་འཕྲུལ་ཆེན་མོའི་དུས་ཆེན་གསར་དུ་བཙུགས་པས་ཡུལ་ དུས་ཀུན་ཏུ་བཀྲ་ཤིས་པའི་རྟགས་དང་མཚན་མ་མང་བོས་ཁྱབ་པར་གྲགས།
རང་རེའི་བོད་ཀྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི།རྗེ་ཙོང་ཁ་བ་ཆེན་མོའི་མཆོད་པ་ དེ་ཉིད་ཡིན། དེའང་ཐོག་མར་སེ་ར་དང་འབྲས་སྤུངས། དགའ་ལྡན་བཅས་གདན་ས་ཆེན་མོ་གསུམ་གྱི་དགེ་འདུན་ཡོངས་གདན་འདྲེན་ཞུས་ཏེ་ཚེས་ གསུམ་བཞི་གང་རུང་ནས་མགོ་བརྩམས་ཏེ་ཉིན་གཉི་ཤུ་རྩ་གཅིག་གི་རིང་ལྷ་སའི་གཙུག་ ལག་ཁང་དུ་ཚོགས་ཆོས་འདོན་པའི་སྲོལ་དེ། རིམ་བཞིན་སྟོད་མངའ་རིས་སྐོར་གསུམ་ནས་བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་གི་ནང་བའི་དགོན་སྡེ་ཡོངས་ལ་དར་བའི་དུས་ཆེན་ཞིག་ཏུ་ གྱུར་པ་མ་ཟད། ཉིན་དེར་དད་ལྡན་གྱི་མཇལ་བསྐོར་བ་དང་བསྟན་པའི་སྦྱིན་བདག་མང་བོ་སླེབས་ནས་གྲྭ་ མང་ལ་གསོལ་ཇ་དང་བཞེས་ཐུག་འདྲེན་ལ། འགྱེད་སོགས་བཏང་སྟེ་བསྙེན་བཀུར་བླ་མེད་བྱེད་པའི་སྲོལ་འདུག དགེ་འདུན་པ་ཡོངས་ཀྱིས་ཀྱང་སྤྱིར་ན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་ རྒྱས་པ་དང་སྒོས་སུ་འགྲོ་བ་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བ་དང་བདེ་བ་དང་ ལྡན་པའི་སྨོན་ལམ་རྒྱ་ཆེར་མཛད་པས། ཕྱོགས་བཞི་མཚམས་བརྒྱད་ནས་སླེབས་པའི་མཇལ་བ་ཕོ་མོ་ཡོངས་ཀྱིས་ཀྱང་སྡིག་སྤོང་ དགེ་སྒྲུབ་ཀྱི་ལས་ལ་འབད་དེ་ཕྱག་འཚལ་བ་དང་བསྐོར་བ་རྒྱག་པ། དགེ་བ་ཚོགས་ཞིང་ལ་བསྔོ་བའི་དུས་ཆེན་ཁྱད་པར་བ་ཞིག་ཡིན།
བསམ་གཞིག སྦྱང་གཞི།
གཅིག གཤམ་གྱི་སྟོང་ཆ་ཁ་སྐོང་བ།
རང་རེའི་བོད་ཀྱི་ཆོ་འཕྲུལ་སྨོན་ལམ་ནི __ རབ་བྱུང་བདུན་པའི་ཟླ་དང་བོར __ དུ་བཙུགས་པའི __ མཆོད་པ་དེ་ཉིད་ཡིན། དེའང་ཐོག་མར _ དང་། __ གདན་ས་ཆེན་མོ་གསུམ་གྱི་དགེ་འདུན་ཡོངས་རྫོགས་གདན་འདྲེན་ཞུས་ཏེ་ཚེ_ གང་རུང་ནས་མགོ་བརྩམས་ཏེ་ཉིན__ གི་རིང་ལ་ལྷ་སའི་གཙུག་ལག་ཁང་དུ་ཚོགས་ཆོས་འདོན་པའི་སྲོལ་འདུག
གཉིས། གཤམ་གྱི་དྲི་བར་ལན་ཐོབས།
༡. སྟོན་པ་བཅོམ་ལྡན་འདས་སངས་རྒྱས་ནས་ལོ་ནམ་ཞིག་སྟེ་སྤྱི་ལོ་ཅི་ཙམ་ལ་བདུད་དང་ཕྱི་རོལ་མུ་སྟེགས་པའི་ཚོགས་ལ་ཆོ་འཕྲུལ་བསྟན་པ་ཡིན།
༢. ཆོ་འཕྲུལ་ཆེན་མོའི་སྨོན་ལམ་གསར་དུ་བཙུགས་པའི་རྒྱ་གར་གྱི་རྒྱལ་བོ་དེ་སུ་ཡིན།

No comments:
Post a Comment